དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་སྐབས་ ༡༥ པའི་སྲིད་སྐྱོང་འོས་མི་དང་སྐབས་ ༡༦ པའི་དབུས་གཙང་ཆོལ་ཁའི་སྤྱི་འཐུས་སྐོར་གསར་འགོད་གསལ་བསྒྲགས།

༄༅།  །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ཉིན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ གི་རིང་ནས་སྙིང་དུ་བརྣག་པའི་ཐུགས་རེ་དང་བོད་མིར་ཐུགས་བརྩེ་བ་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་གནང་བ་ནས་བོད་མིར་ཆབ་སྲིད་ཀྱི་འགན་དབང་སྔར་ལས་ཆེ་རུ་ཕྱིན་ཡོད་པ་ བཞིན།  ༢༠༡༤ ལོ་ནས་དབུས་རྒྱུན་ལས་རྣམས་བོད་མི་འདུས་སྡོད་ས་ཁུལ་ཁག་ལ་ཆ་བགོས་ཀྱི་དབུས་གཙང་ཆོལ་ཁ་ནས་སྐབས་ ༡༥ པའི་བཀའ་ཤག་གི་སྼིད་སྐྱོང་དང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་འོས་མི་གྲ་སྒྲིག་དགོས་པ་དང་ཆབ་སྲིད་ཐོག་གོ་རྟོགས་སྤེལ།  དེ་ནས་ ༢༠༡༥ ཟླ་ ༣ ཚེས་ ༢༥ ལ་དབུས་གཙང་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ།  ཚོགས་པ་སྐྱིད་སྡུག་བཅས་ལ་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་སྐོར་མང་ཚོགས་ལ་གོ་བསྡུར་གྱིས་གྲ་སྒྲིག་གནང་དགོས་པའི་གསལ་བསྒྲགས་བཏང།  ཡང་ ༢༠༡༥ ཟླ་ ༤ ཚེས་ ༡༥ འཁོད་པའི་གསལ་བསྒྲགས་དང་སྦྲགས་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་ནང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མི་སྐོར་མང་ཚོགས་ལ་གྲོས་བསྡུར་གྱིས་འོས་མི་འགན་འཛིན་ལྷན་ཚོགས་སུ་མཉམ་འཁྱེར་དགོས་སྐོར་ཞུས་པ་ལྟར།  ཉེ་ལམ་དབུས་གཙང་གཞིས་བྱེས་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ལེགས་གྲུབ་ཟིན་པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༡༢ པ་ལྷན་ཚོགས་སྐབས་དེ་སྔོན་གསལ་བསྒྲགས་སོང་བ་ལྟར་ས་གནས་དང་འབྲེལ་མཐུད་པ།  ཚོགས་པ་སྐྱིད་སྡུག་བཅས་ནས་སྤྱི་འཐུས་འོས་མིའི་ས་བོན་བསྣམས་ཕེབས་པ་རྣམས་ཆོལ་ཁའི་སྒྲིག་གཞི་དོན་ཚན་ ༢༢ ནང་དོན་ལྟར་འོས་བསྡུའི་ཚོགས་ཆུང་ཟུར་འཛུགས་ཀྱི་གྲངས་བཤེར་ཀྱིས་རྩེ་ཏོག་གནང་བ་སྤྱི་འཐུས་མི་གྲངས་ ༢༣ དང།  སྲིད་སྐྱོང་འོས་མི་གོང་བཞིན་ས་གནས་ནས་བསྣམས་ཕེབས་པ་ཐོག་ཚོགས་བཅར་བ་ཡོངས་ནས་འོས་འཕེན་དང་འབྲེལ།    སྔར་བཞིན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བཀའ་ཁྲི་དང་སྲིད་སྐྱོང་ཀྱི་འོས་འདེམས་སྐབས་སོ་སོར་ཕྱོགས་ལྷུང་དང་འཐེན་འཁྱེར་སྤུ་ཙམ་མེད་པར་བོད་རིགས་ཤེས་ཡོན་ལྷག་བསམ་ལྡན་པ།  གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོའི་རླབས་ཆེན་དགོངས་གཞི་སྒྲུབ་མཁན་ཤ་སྟག་ལ་འོས་འཕེན་རྒྱལ་ཁ་ཕུལ་ཡོད་པ་ལྟར།  བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་མི་ཀྱང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་དབུས་གཙང་མི་མང་ནས་ཚད་མཐོའི་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་བཞིན་འིས་མིར་ཐུགས་གཏན་འཁེལ་ཡོད་ན།                                                                                                                                 དབུས་གཙང་རྒྱ་ཆེ་མི་མང་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐོུ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་ཞུ་དགོས་དོན་གཙོ་བོ།      ༡༽ ལངས་ཕྱོགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་བ་ཆེན་པོས་ཆབ་སྲིད་ཀྱི་འགན་དབང་རྩིས་སྤྲོད་གནང་བར་བཀྲིན་བསམ་ཤེས་ཆེན་པོའི་༸གོང་ས་མཆོག་གི་དགོངས་གཞི་གོང་དུ་བཀུར་ནས་ལངས་ཕྱོགས་བརྟན་པོ་དང་གསལ་པོའི་ཐོག་ཆབ་སྲིད་དང་འཛིན་སྐྱོང་གི་འགན་ཁུར་ཐུབ།                                                                                                                                   ༢༽ ཉམས་མྱོང།  སྤྱི་འཐུས་ལོ་ ༢༠ གནང་བ་དང་དེ་ནས་ལོ་ ༧ དང་ཕྱེད་ཀའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཁུར་འཐུས་ཚང་གང་ལེགས་ཞུས་པའི་ཉམས་མྱོང་དང་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པ།                                                               ༣༽ འཇོན་ནུས།  བོད་ཆོལ་གསུམ་ཆོས་བརྒྱུད་བཅས་ཆིག་བསྒྲིལ་ཐོག་མཉམ་འཁྲིད་ཐུབ་པའི་ཡིད་ཆེས་དང།  བོད་དོན་དང།  བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལ་རྒྱུས་མངའ་ཡོད་པ།

གོང་གསལ་རྒྱུ་མཚན་དག་ལ་བརྟེན།  དབུས་གཙང་རྒྱ་ཆེའི་མི་མང་ནས་དབུས་གཙང་ས་གནས་དང་འབྲེལ་མཐུད།  སྐྱིད་སྡུག་བཅས་ནས་ཆོལ་ཁ་དབྱེར་མེད་ཀྱིས་སྲིད་སྐྱོང་གི་འོས་མི་བཏོན་པ་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ངེས་པར་དུ་འོས་འཕེན་ཡོང་བ་དང་།  དེ་བཞིན་དབུས་གཙང་རྒྱ་ཆེ་མང་ཚོགས་ནས་ལུང་ཚན་གྱི་འཐེན་འཁྱེར་མེད་པར་སྤྱི་འཐུས་འོས་མི་བཏོན་པ་དེ་དག་འ་འོས་འཕེན་གནང་སྐྱོང་ཡོང་བ་ཞུ།

keyboard_arrow_up