ཇི་ལྟར་གསོལ་བ་བཏབ་པ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༢༠ ཉིན་དབུས་གཙང་དམ་པ་ ཆོས་ཀྱི་ཆོལ་ཁའི་གཞིས་བྱེས་སེར་སྐྱ་མང་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་སྐུའི་གྱ་སྟོན་དང་བསྟུན་བརྟན་བཞུགས་ཆེན་མོ་བསྟར་འབུལ་དགྱེས་བཞེས་ལེགས་གྲུབ་བྱུང་བ་དང།   དེའི་ཕྱི་ཉིན་བཞུགས་སྒར་ཟློས་གར་རུ་ཕྱོགས་ཕེབས་དབུས་གཙང་ས་གནས་རྒྱུན་ལས་དང་ཚོགས་སྐྱིད་ཁག་གི་འཐུས་མི་གཙོ་བོར་གྱུར་པའི་བཞུགས་སྒར་དུ་གནས་འཁོད་དབུས་གཙང་རྒྱ་ཆེ་སེར་སྐྱ་མང་ཚོགས་བརྟན་བཞུགས་གྱ་སྟོན་ལེགས་གྲུབ་བྱུང་བའི་དམིགས་བསལ་དགའ་སྟོན་སྤྲོ་སྐྱིད་ཉིན་འཁྱོངས་དང་།  རྟེན་འབྲེལ་ རིག་གཞུང་འཁྲབ་སྟོན་ལ་སོགས་ཟབ་རྒྱས་གནང་།

keyboard_arrow_up